Mojim 歌詞
Mojim 歌詞 > アジアの男性歌手 > 索扎 > 相信自己 > 相信自己

索扎



歌詞
アルバムリスト

索扎

相信自己

作詞:索扎
作曲:索扎

རང་ཉིད་ལ་ཡིད་ཆེས་དགོས།
མི་ཚེ་ནི་ཐུང་ཐུང་རེད།
ལམ་ཐག་ནི་རིང་མོ་རེད།
དམིགས་ཡུལ་ནི་གང་ཞིག་རེད
ཐོན་ཡོད་དུས་ནམ་ཞིག་རེད།
ལས་དབང་ནི་བཙན་པོ་རེད།
འཁོར་བ་ནི་དཀའ་མོ་རེད།
བདེ་སྐྱིད་ནི་ཅི་ཞིག་རེད།
རྙེད་ཡོད་དུས་ནམ་ཞིག་རེད
ལང་ཚོ་ནི་འཇའ་ཚོན་རེད།
ཕུགས་ལམ་ནི་ཆར་རླུང་རེད
རྨི་ལམ་ནི་ག་འདྲ་རེད
འགྲུབ་ཡོད་དུས་ནམ་ཞིག་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།
མི་སེམས་ནི་གཉོམ་པོ་རེད།
もっと沢山の歌詞は ※ Mojim.com
འགན་ཁུར་ནི་ལྕི་མོ་རེད།
འབྲས་བུ་ནི་ཅི་ཞིག་རེད།
སྨིན་ཡོད་དུས་ནམ་ཞིག་རེད།
སྤྱི་ཚོགས་འདི་རྙོག་འཛིང་རེད
གང་ཡིན་སར་འགྲན་རྩོལ་རེད།
འཚོ་གནས་ནི་གང་ཞིག་རེད།
རྙེད་ཡོད་དུས་ནམ་ཞིག་རེད།
རང་ཉིད་ལ་ཡིད་ཆེས་དགོས
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རེ་བ་ཡོད་རེད།
རང་ཉིད་ལ་ཡིད་ཆེས་དགོས།
ཡིད་ཆེས་ཡོད་ན་རྒྱལ་ཁ་ཡོད་རེད།