Mojim 歌詞
Mojim 歌詞 > アジアの男性歌手 > 索扎 > 相信自己 > 崗堅巴

索扎



歌詞
アルバムリスト

索扎

崗堅巴

གངས་ཅན་པ།
གཡུ་བྱུ་རུའི་ལུས་བཀང་རུང་།
ལག་ཕྲེང་བ་བརྗེད་མེད་པའི་པའི་མི་རིགས།
གངས་ཅན་པ།
པགས་ཚ་རུའི་དགུན་བསྐྱལ་རུང་།
བྱམས་བརྩེ་བ་བོར་མེད་པའི་མི་རིགས།
གངས་ཅན་པ།
གདོང་སྨུག་པོར་དམར་འདྲེ་རུང་།
འཛུམ་ཡག་པོ་ཡལ་མེད་པའི་མི་རིགས།
གངས་ཅན་པ།
གངས་ཅན་པ།
ཁྱོད་འཚོ་སའི་རྫ་རི་སྨུག་པོ་དེ།
མཛེས་བའི་མཛམ་གླིང་གི་ཡངས་རྩེ་རེད
ཁྱོད་འདུག་སའི་སྤང་ལྗོངས་སྔོན་མོ་དེ།
ས་ལའི་སྨན་ལྗོངས་འདིའི་བང་མཛོད་རེད།
ཉི་མ་དང་ཆེའི་ཐག་ཉེ་བའི་གདོང་དམར་བའི་བུ་རྒྱུད་ཚོ།
Ready go ready go ready go
Ready go ready go ready go
Ready go ready go ready go
གྲ་སྒྲིག་བྱས་རྗེས་ལམ་ལ་ཆས
ཨོ་་་་་་
གྲ་སྒྲིག་བྱས་རྗེས་ལམ་ལ་ཆས
གངས་ཅན་བོད་པའི་ལ་རྒྱ་བསམ་བཞལམ་ལ་ཆས།
གངས་ཅན་བོད་པའི་མདུན་ལྗོངས་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་མ་འོངས་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་བདེ་སྡུག་བསམ་བཞིན་ལམ་ལ་ཆས།
གངས་ཅན་པ།
བསླབ་ཤེས་བྱའི་རིགས་མང་རུང་།
もっと沢山の歌詞は ※ Mojim.com
རང་སྐད་ཡིིག་བརྗེད་མེད་པའི་མི་རིགས།
གངས་ཅན་པ།
སྲོལ་འདྲ་མིན་དར་ཡོང་རུང་།
རང་ཆ་ལུགས་བསྐྱུར་མེད་པའི་མི་རིགས།
གངས་ཅན་པ།
ཕྱི་ཆོད་ག་གསུམ་ཡ
ནང་མཐུན་སྒྲིལ་གཅིག་ཡིན་པའི་མི་རིགས།
གངས་ཅན་པ།
གངས་ཅན་པ།
ཁྱོད་དད་སའི་མི་བུ་དཔའ་བོ་དེ།
འཛམ་གླིང་ཞི་བདེ་ཡི་ཕོ་ཉ་རེད།
ཁྱོད་བསྟེན་སའི་ཕོ་བྲང་དམར་པོ་དེ།
འགྲོ་དྲུག་རེ་སྨོན་སའི་གནས་མཆོག་རེད།
ལྷ་ཡུལ་དང་ཆེའི་ཐག་ཉེ་བའི་གདོང་དམར་བའི་བུ་རྒྱུད་ཚོ
Ready go ready go ready go
Ready go ready go ready go
Ready go ready go ready go
གྲ་སྒྲིག་བྱས་རྗེས་ལམ་ལ་ཆས
ཨོ་་་་་་
གྲ་སྒྲིག་བྱས་རྗེས་ལམ་ལ་ཆས
གངས་ཅན་བོད་པའི་ལ་རྒྱ་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་མདུན་ལྗོངས་བསམ་བཞིན་ལམ་ལ་ཆས།གངས་ཅན་བོད་པའི་མ་འོངས་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་བདེ་སྡུག་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་ལ་རྒྱ་བསམ་བཞིན་ལམ་ལ་ཆས།གངས་ཅན་བོད་པའི་མདུན་ལྗོངས་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་མ་འོངས་བསམ་བཞིན་ལམ་ལ་ཆས།
གངས་ཅན་བོད་པའི་བདེ་སྡུག་བསམ་བཞིན་ལམ་ལ་ཆས།